Wednesday, March 13, 2019

ལུས་བདེ་སེམས་ཡེངས་ཀྱི་རྩོམ་ཐུང་།

                                    ལུས་བདེ་སེམས་ཡེངས་ཀྱི་རྩོམ་ཐུང་།
རང་ཁང་པ་སྟོང་པའི་ནང་ན་ལུ།།
ད་མནོ་བསམ་མི་གཏང་བརྒྱ་སྟོང་གཏང་།།
གྲངས་བརྒྱ་སྟོང་རང་གན་གཏང་བ།།
སླབན་སླབ་པའི་འཇིག་རྟེན་གྲོས་ཅིག་མས།།

མནོན་མནོ་བའི་མནོ་བསམ་བཤད་པ་ཅིན།།
མཇུག་ང་གིས་བཤད་པའི་གཏམ༌འདི༌ལུ།།
ཁྱོད༌ཧ༌ཧ༌ཧི༌ཧུ༌ཟེར༌འདི༌གིས།།
སྡོདན༌སྡོད༌པའི༌སར༌ལས༌འགྱེལ༌འགྱོ༌འོང༌།།

ང༌ཕོ༌ཡི༌ལུས༌རྟེན༌ཐོབ༌རུང༌རང༌།།
སྐྱེཝ༌སྔོན༌མའི༌བསོད༌ནམས༌མ༌སྨིན༌བཟུམ།།
དུས༌ད༌རེས༌བཟོ༌ཉེས༌སྦལཔ༌གི༌ལུས།།
རང༌ལུས༌ལུ༌འཁོར༌བའི༌སྣང༌བ༌བྱུང༌།།

ཁོ༌ཆ༌རོགས༌སྒོ༌ལས༌འཛལ༌ལོ༌མེདཔ།།
གྱོནན༌གྱོན༌པའི༌གོ༌ཡང༌ཕུད༌བཞག༌འདི།།
ང༌འགྱོ༌དོ༌ཟེར༌བའི༌གཏམ༌ཅིག༌ལས།།
གཞན༌གོ༌བའི༌དྲན༌པ༌མིན༌འདུག༌ང༌།།

ནམ༌ནུབ༌མོའི༌དུས༌ཚོད༌འདི༌བཟུམ༌ན།།
ཁོ༌སྲིན༌འདྲེ༌འབྱུང༌པོ༌མེན༌བ༌ལས།།
འགྱོན༌འགྱོ་བའི་ལམ་འདི་བརྒྱ་སྟོང་མེད།།
ཁོ་འགྱོ་བའི་ལམ་འདི་གཅིག་རང་ཨིན།།

ནམ་སོ་ཁའི་སྟག་ཚེར་མེ་ཏོག་འདི།།
ཁོང་བུང་བས་མ་བཅོམ་སྔོན་གྱི་ལས།།
དུས་ད་ལྟོ་ཁོ་ཡང་བུང་བ་མས།།
རོ་མངར་བའི་སྦྲང་རྩི་འཐུང་བ་མས།།

ང་ཁོ་ལུ་མནོ་བསམ་གཏང་བལྟཝ་ད།།
ཁོ་བསོད་ནམས་བསགས་པའི་གྲངས་སུ་མས།།
རངན་སྔོན་བསགས་བསོད་ནམས་མེད་པ་ལས།།
དུས་ད་ལྟོ་རྩོམ་ཅིག་བྲིས་སྡོད་ཡི།། 






No comments:

Post a Comment