གླུ་གར་ཁྲ་མོ།
ཧིང་གཏམ་གྱི་ཁུར་ཆ་འབག་འདི་གིས།།
དམ་ཚིག་གི་ཏོག་མ་བཙུགས་འདི་གིས།། དགའ་འཛུམ་གྱི་རྒྱན་ཆ་བཏགས་འདི་གིས།། བརྩེ་གདུང་གི་ཕུགས་ཤན་སྦྱར་འདི་གིས།།
གཡུས་བཟང་རྩ་རི་གནས་ལུ།། ཁྱོད་གཟུགས་རྩ་རི་སྨྱུག་མའི་།། ཕྱག་དབང་ཅིག་བཅར་བ་ཨིན།།
དམ་ཚིག་དཀར་བའི་ལ་ཕྱག་དབང་།། ཡིད་འཕྲོག་ཁྱོད་ལུ་ལ་བཅར་ནི།། ངོ་འཛུམ་བུ་མོའི་ལ་ཕྱག་དབང་།། ནོར་བཟང་ཁྱོད་ལུ་ལ་བཅར་ནི།། དགའ་བའི་ ཕྱག་དབང་ལ་བཅར་ཤོག། བརྩེ་བའི་ཕྱག་དབང་ལ་བཅར་ཤོག། དགའ་བ་གིས་གཡས་ལས་བསྒོར་འདི་གིས།། བརྩེ་བ་གིས་གཡོན་ལས་བསྐོར་འདི་གིས།། ལང་ཚོ་གི་མེ་ཏོག་ཤར་འདི་གིས།། དག་སྣང་གི་ཕྱག་མཇལ་འབག་འདི་གིས།། ཁྲོམ་ཆེན་སྡུམ་ར་ཁྲ་མོ།། ཁྱོད་གཟུགས་པད་མའི་སྡོང་པོའི།། ཕྱག་དབང་ཅིག་བཅར་བ་ཨིན།།
Pretty Dance
Carrying
the load of love
Placing
the staff of trust.
Decked
with pendant of smile.
Affixed with
eternal ferrule of care.
To the beautiful
valley of Tsari,
Your body
like its reed
I came
to pay my respect.
The blessing
of spotless trust
I pay
before you, Yethro.
The
blessing of my grin.
Come! Pay
the respect of love.
Come! Pay
the respect of care.
Barricaded
with joy from right
Circled
with affection from left.
The flower
of youth blooms.
Carrying
the gift of interest.
In the city of elegant garden.
Your body
like the stalk of lotus.
I came
to pay my respect.
་
No comments:
Post a Comment