Friday, February 21, 2020

སྣང་བ་གང་ཤར་གྱི་རྩོམ།


སྣང་བ་གང་ཤར་གྱི་རྩོམ།


གཟུགས་མཛེས་པདྨའི་ཞལ་རས་སྔོན་གྱི་ལས།། དུས་བཞི་ཐུབ་པའི་ཆོས་ཅན་ཁྱོད་ཡང་མེན།།
ཁ་བ་ཆགས་པ་རི་ཡི་རྩེ་ལུ་ཆགས།། དྲོད་ཀྱིས་ཞུ་ཚེ་པདྨའི་ཐང་དུ་འཁྱིལ།།

ཆོས་བརྒྱུད་གདུང་བརྒྱུད་སྐྱེས་བ་ཁྱོད་ཡང་མེན།། ཤ་ཟ་སྲིན་པོའི་མི་བརྒྱུད་ང་ཡང་མེན།།
སྟོང་ཉིད་མི་རྟག་བཅུ་དྲུག་ཁྱོད་མ་རྟོགས།། ཀུན་རྫོབ་མཐོང་ཐོས་ཆོས་རྣམས་ང་ཡང་མཇལ།།

འཛུམ་གདངས་ཆེ་བ་ཡིད་འོང་ངོ་རིས་ཀྱིས།། ལྷ་ཀླུ་དཔོན་གྱི་སྲས་འདི་མི་འཐོབ་འོང་།།
འཇིག་རྟེན་མི་ཚེ་སྐྱོང་བའི་གནམ་བསྐོས་ཅིག། ང་ལུ་སྒྲིག་སྟེ་ཡོད་པ་ཐེ་ཚོམ་བྲལ།།

མཛེས་ལྡན་ཁྱོད་རང་ཨིན་ཟེར་ཧམ་མ་མཐོ།། འཛམ་གླིང་རྒྱན་དུ་འགྱུར་མི་གྲངས་ལས་འདས།། 

ཕུང་པོ་ཚོགས་པ་བུམ་པ་ལྟ་བུའི་གཟུགས།། རྟག་པ་འཛིན་ན་འཇིག་རྟེན་དགོད་པའི་ཆོས།།


རྣམ་ཐོས་སྲས་ཀྱི་བང་མཛོད་ཡོད་རུང་རང་།། གསེར་གྱི་ཨ་ཁམ་ཁྱོད་ཡང་མི་བཟའ་འོང་།།
ཁ་ཟས་སྨན་དང་འདྲ་བའི་དུས་ཕོད་གསུམ།། སྤྲང་པོ་ངེ་གི་ལུས་ལུ་ཆད་ནི་མེད།།

ལུས་འཇམ་བལ་ལས་གྲུབ་པ་ཁྱོད་གཟུགས་ཡང་།། གསེར་དངུལ་གདན་མལ་ནང་དུ་མ་ཉལ་འོང་།།
ཚ་དྲོད་ལྡན་པའི་མལ་ཆ་ནང་དུ་ལ།། མི་ཉལ་མནོ་བ་མཐུན་རྐྱེན་ཕུན་སུམ་ཚོགས།།

ལྟ་ན་སྡུག་པ་རབ་མཛེས་ཁྱོད་ལུས་ཡང་།། རྡོ་རྗེ་རྟག་བུའི་དགོས་གྲུབ་མ་འཐོབ་འོང་།།
ནམ་ཅིག་འཇིག་པའི་ཆོས་ཡིན་སེམས་ངེས་ཏེ།། བག་གཡེང་མ་ཤོར་དམ་པའི་ལྷ་ཆོས་གྲུབ།།

སེངྒེ་དབང་ཕུག་གྱིས།

The composition of perceived thought


Pretty body and lotus face is the past fate
However, you are not a marvel of eternity.
The snow falls one the peak of hill
But melts pool on the plain of Pema

You do not come from the lineage of noble
Neither I am from the meat -eater Mara
You may not have realized emptiness 
        The Dharma of relative truth, I also have.                                                                                          

The great smiley beauty of a maiden
May not tempt the son of God and Naga
The destiny to govern my worldly life
It is guaranteed without any doubts

Do not get fanatical with your beauty
There are numerous who are epitome
The body of amassed aggregates like vase
If held permanent, it is the nature of hoot

Even if there is Vaisravana’s store of wealth
You also may not eat a dough of gold.
The three meals which is like a medicine
To the body of mine, it never lacks

Even a tender woolen body of yours
May not have slept under gold- sliver mat and blanket 
Under the blanket of optimal warmness
Even if I don’t want, the condition fulfills.

The body of the beautiful maiden
May not have the blessing of Vajra- like
It is a phenomena of extinct, keep in mind!
Without being blunt, accomplish Dharma.


 Singye Wangchuk 












No comments:

Post a Comment