Sunday, April 4, 2021

དཔལ་འབྱོར་གོང་འཕེལ་འགོ་དཔོན་ ཟེར་མི་འདི་ ག་སྨོ?

     ང་བཅས་ དཔལ་འབྱོར་གོང་འཕེལ་འགོ་དཔོན་ཚུ་ བསྟན་རྒྱས་

ལྷན་ཁག་གི་འོག་ལུ་ བཟོ་གྲྭ་ལས་ཁུངས་ཟེར་ཡོད་མི་གི་ འོག་

ལུ་ཨིན།

 ཨིན་རུང་ ང་བཅས་ཚུ་ ས་གནས་གཞུང་ནང་ སྡོད་དེ་ མི་སེར་

ལུ་ དཔལ་འབྱོར་དང་འབྲེལ་བའི་ཞབས་ཏོག་ཚུ་ ཕུལཝ་ཨིན།

ཡར་རྒྱས་འགྱོ་ཡོད་མི་རྒྱལ་ཁབ་ སིཀོཊ་ལེནཌ་དང་ཀེནེདྲ་ལུ་

འབད་བ་ཅིན་ དཔལ་འབྱོར་གོང་འཕེལ་འགོ་དཔོན་གྱི་ མིང་གཞན་ལུ་ཚོང་འབྲེལ་དང་ལྟ་བཤལ་འཛིན་སྐྱོང་པ། ཚོང་འབྲེལ/མི་སྡེ་གོང་

འཕེལ་འགོ་དཔོན། དཔལ་འབྱོར་གོང་འཕེལ་གྱི་ མདོ་ཆེན། དཔལ་འབྱོར་   གོང་འཕེལ་གྱི་འགོ་འདྲེན་པ། དཔལ་འབྱོར་གོང་འཕེལ་གྱི་

ཞིབ་འཚོལ་པ། ལྟ་བཤལ་ཚོང་འབྲེལ་ འགོ་དཔོན་དང་ མ་རྩ་འཐེན་ཤུགས་ ཀྱི་འཛོན་སྐྱོང་པ་ཟེར་ སླབ་དོ་ཡོདཔ་ཨིན། ཨིན་རུང་

 འབྲུག་ལུ་འབད་བ་ཅིན་ དཔལ་འབྱོར་གོང་འཕེལ་འགོ་དཔོན་ཟེར་ སྤྱི་ལོ་༢༠༡༩ ལས་ དར་ཁྱབ་འགྱོ་བའི་བསྒང་འདུག

ང་བཅས་ཚུ་གི་ ལས་འགན་གཙོ་བོ་རང་ རྫོང་ཁག་གི་དཔལ་འབྱོར་གོང་འཕེལ་གྱི་ལས་སྣ་ ག་ཅི་ཡོད་རུང་ སྣ་འཁྲིད་འབད་ནི་དང་

 རྫོང་ཁག་ནང་ ཚོང་འབྲེལ་གྱི་གོ་སྐབས་ ཡར་རྒྱས་གཏང་ནིའི་ནང་ ལྷན་ཐབས་འབདཝ་ཨིན། འདི་ཡང་ མ་རྩ་གཞི་བཙུགས་ཀྱི་

སེམས་ཤུགས། ཚོང་འབྲེལ་གི་ གོ་སྐབས་གསརཔ་བཟོ་ནི་དང་ ལཱ་གཡོག་ གསརཔ་གི་ གོ་སྐབས་བཟོ་སྟེ་ས་གནས་ཀྱི་དཔལ་

འབྱོལ་ གོང་འཕེལ་གཏངམ་ཨིན། དེ་འབད་ནི་འདི་གིས་ རྒྱལ་ཁབ་གཞན་ཁར་ སྟོབས་ཤུགས་སླར་འཕེལ་འགོ་དཔོན་ ཟེར་ཡང་

སླབ་དོ་ ཡོདཔ་ཨིན།

ང་བཅས་ཚུ་ དུས་ཚོད་མང་ཤོས་རང་ ས་གནས་ཀྱི་འགོ་ཁྲིདཔ་ དྲོགས་རྫོང་བདག དྲོགས་རྫོང་རབ། འཆར་གཞི་འགོ་དཔོན།  

 སོ་ནམ་འགོ་དཔོན། སྒོ་ནོར་འགོ་དཔོན། རྒཔོ་དང་ རྒེད་འོག་བདག་སྐྱོང་འགོ་དཔོན་ཚུ་དང་ གཅིག་ཁར་སྡོད་དེ་ དཔལ་འབྱོར་གྱི་

འཆར་གཞི་བརྩམ་ཞིན་ན་ བསྟར་སྤྱོད་འབདཝ་ཨིན།

 

 

 

No comments:

Post a Comment