དེ་འབདཝ་ད་ ཕར་བཟུམ་སྦེ་ ལགཔ་གཉིས་ཐལ་མོ་སྦྱར་སྦེ་ སྨོན་ལམ་བཏབ་ནི་མེན་པ་བཞིན་ན་ ནཱ་གི་འདི་རོགས་ ཆིབས་གླང་གི་རྣམ་ཅོ་ཁར་ རང་གི་ཨམ་སྲུ་དཀྲོགས་དོ་བཟུམ་སྦེ་ བུ་རུ་སུ་རུ་ སླབ་དགོ་བས།
དེ་ཚེ་འབདན་ ང་གིས་ཡང་ བུ་རུ་སུ་རུ་ཅིག་གཏང་ཡི། ཁོ་ལུ་ ཡ་ བརྒྱ་བྱིན་གྱི་ཆིབས་གླང་། ད་སྨོན་ལམ་མི་བཏབ་སན྄་ བོད་ལྷ་ས་འགྱོ་ ཇོ་བོ་མ་མཇལ་བར་ བློ་བཙོང་འོང་། སྨོན་ལམ་བཏབ་གེ་ཟེརན྄་ ག་ཅི་བཏབ་ན་ཡང་མི་ཤེས་བས།
ཚེ་གི་དངོས་གྲུབ་ཞུ་གེ་སན྄་ ཚེ་དཔག་མེད་སེམས་ཤི་འོང་། ཤེས་རབ་ཀྱི་དངོས་གྲུབ་ཞུ་གེ་སན྄་ ད་ལྟོ་ཚུན་ འཇམ་དཔལ་དབྱངས་ཀྱིས་གནང་སྟེ་ཡོད། འཕྲད་བསྟེན་གྱི་དངོས་གྲུབ་ཞུ་གེ་ཟེརན྄་ སངས་རྒྱས་སྨན་ལྷ་གིས་ རྒྱབ་རང་སྤང་མ་བཏུབ།
ད་གཙོ་བོ་རང་ རྒྱུ་གི་དངོས་གྲུབ་ ཛམ་བྷ་ལྷ་གིས་འབད་རུང་ གནང་མ་བཏུབ། ཡུམ་རྗེ་བཙུན་གྱིས་ཡང་ ཁ་བཟེད་མ་བཏུབ། དེ་དང་ ཅོག་རང་འཐདཔ་སྦེ་ བུམོ་འཇའ་རིསམོ་གི་དངོས་གྲུབ་ ཅིག་ ག་ལས་ཡང་ འབྱུང་མ་སྲིདཔ་ལས་ ཆིབས་གླང་གིས་ བཀའ་དྲིན་བསྐྱང་གནང་ཟེར་ཞུ་ཡི།
ཏེ་ ཨིན་མས་རོགས་ ད་རེས་ དྲོ་པ་ཆུ་ཚོད་ཕྱེད་དང་དགུ་ལུ་ ང་ཡིག་ཚང་འགྱོ་བའི་ལམ་ཁར་ བུམོ་འཇའ་རིསམོ་ཅིག་དང་ ཕྱེད་ཅི། ང་བལྟན྄་ བརྒྱ་བྱིན་གྱི་ སྲསམོ་རང་གཏང་དཔ་ བཟུམ་འདུག
ད་ནངས་པ་ལས་ ཨ་རྟག་རང་ དུས་ཚོད་དེམ་ཅི་ཁར་ འགྱོ་དགོཔ་བཟོ་ཡི་མས།
དེ་འབདཝ་ད་ རྒྱུ་གི་དངོས་གྲུབ་འདི་ མིན་འདུག་སྨ་རེ། འཐོབ་ནི་ཨིན་མི་ཡང་ འབྱིད་ཡར་སི་དབའེ། ག་ཅི་སེམས་དང་མ་ལྡན་ག་ མ་ཤེས།
No comments:
Post a Comment