Friday, April 2, 2021

The Dharma city of mystic cross, Trongsa - the tenth-day song of laud

 ཀྲོང་གསར་གཡུང་དྲུང་ཆོས་གླིང་གི་ཚེས་བཅུའི་བསྟོད་གླུ། | The Dharma city of  mystic cross, Trongsa - the tenth-day song of laud

ཡ་ལ་ཀྲོང་གསར་གླང་མཐལ་གཡུང་དྲུང་ཆོས་གླིང་ལུ།།
At the Dharma city of mystic cross, Langthal in Trongsa,
ཡ་ལ་སྤྱི་ལོ་གཅིག་སྟོང་བརྒྱད་བརྒྱ་སོ་དགུ་དང་།།
In 1839, corresponding to
ཡ་ལ་རབ་བྱུང་བཞི་པའི་ས་མོ་ཕག་གི་ལོར།།
The female earth pig year of fourth Rabjung
ཡ་ལ་ལྷ་དང་བླ་མའི་ལུང་བསྟན་དུས་ལུ་འབབ།།
The prophecy of God and Guru fell on right time
རྒྱལ་བློན་འབངས་གསུམ་གྲོས་མཐུན་ཐོག་ལས་སྦེ།།
With the concurrence of the king, ministries, and people
པད་གླིང་སྐུ་གདུང་བཞུགས་གནས་རྫོང་ཆེན་བཞེངས།།
The home of peling’s bodily remain-the great fortress was built
རྫོང་ཆེན་ཁྲ་མོའི་ནང་རྟེན་ལ་གཙོ་ཅན་ཡང་ལ།།
The principal sacred object of the elegant, great fortress too
གཏེར་སྟོན་པད་མ་གླིང་པའི་ལ་སྐུ་གདུང་བཞུགས་ལ།།
Is the bodily remain of the treasure revealer, Pema Lingpa.
དམ་ཆོས་ཟམ་མོ་པད་གླིང་ལ་བསྟན་པ་དར་ལ།།
The teaching of profound Dharma- Peling- flourished
རང་ལུགས་ལམ་སྲོལ་བཟང་པོའི་ལ་ཚེས་བཅུ་བཙུགས་ལ།།
The ideal traditional culture of the tenth day was commenced
ལོ་བསྟར་མི་དམངས་ཡོངས་ལུ་མཇལ་ཁ་ཕུལ།།
Annually, public are offered the display
བྱིན་རླབས་དངོས་གྲུབ་ཞུ་སའི་སྐྱབས་གནས་ཨིན།།
It is the refuge from where the blessing is received.
ཡ་ལ་ཨྱོན་པདྨའི་སྦས་ཡུལ་ཞིང་ཁམས་ནང་།།
In Ugyen Pema’s sacred place of heaven
ཡ་ལ་ཕ་གཅིག་བླ་མ་པད་གླིང་པ་བྱོན།
The only Father, Guru Pema Lingpa came
ཡ་ལ་ཟབ་གཏེར་བརྒྱ་ཕྲག་གཏེར་ལས་བཞེས་ཏེ་གིས།།
Revealing hundred sets of profound Dharma treasure
ཡ་ལ་འཛིན་སྐྱོང་སྤྲེལ་གསུམ་གནང་བ་ཡ་མཚན་ཆེ།།
And then holding, administering, and spreading it, amazing!
ལུང་བསྟན་ཅན་གྱི་དབང་ཕྱུག་རིམ་བྱོན་ཡང་།།
The predestined Wangchuk Dynasty too
པད་གླིང་གདུང་རྒྱུད་འདི་ལས་འཁྲུངས་པ་བཟང་།།
were born from the peling linage, auspicious!        
 པད་གླིང་ཡབ་སྲས་བསྟན་པའི་ལ་རིང་ལུགས་འདི་ལ།།
Era of peling’s -Father and son- teaching
འཛམ་གླིང་རྒྱལ་ཁབ་སྤྱི་དང་ལ་འབྲུག་ཡུལ་འདིར་ལ།།
In all over the world and Bhutan
མི་ཉམས་ཡུན་བརྟན་དར་ཞིང་ལ་རྒྱལ་ཐབས་ལུ་ལ།།
In order to keep it uncorrupted, sustainable and progressive
གནས་བཟང་འདི་རུ་པད་གླིང་ལ་གདན་ས་ཆགས་ལ།།
At this site of auspiciousness, the seat of peling
འཕགས་པའི་དགེ་འདུན་སྡེ་ཡང་གཞི་བཙུགས་མཛད།།
The noble monk body was also started.
ཕྱག་དང་མཆོད་པ་ཕུལ་ཏེ་དངོས་གྲུབ་ཞུ།།
Offer prostration and offering, and receive blessings

No comments:

Post a Comment