རང་ཉིད་ ཞིབ་རོགས་དཔལ་འབྱོར་གོང་འཕེལ་འགོ་དཔོན་ཟེར། ཡངན་ཏི་རུ་མེད། ཁྱིམ་མེད། སྣུམ་འཁོར་མེད། ཨམ་སྲུ་མེད། མེད་མིའི་ཕྱུགཔོ་འབད་ནི་འདི་གིས་ ད་ལས་ཕར་ སྦུལ་མེ་ཏོག་གི་ཚོང་ཅིག་རྐྱབ་སྟེ་ རང་རྐྱང་གི་དཔལ་འབྱོར་ཡར་རྒྱས་གཏང་དགོ་པའི་བློ་ ཡིག་ཚང་གི་ སྒོ་ཁར་ལས་ ཁྱིམ་ནང་འགྱོ་བའི་སྐབས་ལུ་ ཤར་ཡི། གཅིག་ལས་བལྟན་ འགོ་དཔོན་ཨིན་ཟེར་ སླབ་ནི་ཡང་ གཡང་ཟཝ་མས། དཔེ་འབདན་ གོ་བ་བརྡ་སྤྲོད་ཀྱི་ལས་རིམ་ནང་འགྱོཝ་ད་ དེ་ཁར་ རང་ལས་ཡང་ལྷགཔ་སྦེ་ དཔལ་འབྱོར་དང་ཚོང་ལཱ་གི་ སྐོར་ལས་ཤེས་མི་ ཟ་ཁང་ཇོ་བདག་དང་བཟོ་གྲྭའི་སྦྱིན་བདག་ཚུ་ཡང་ བཅའ་མར་གཏོགས་པར་འོངམ་ལས་ རང་ག་ནི་ཡང་མེད་མི་གིས་ ཤེས་ཤེས་རང་བཟུམ་སྦེ་ སྦྱན་ཞུ་འབདཝ་ད་ རང་གིས་རང་ཨ་ཙ་ར་བཟོ་བའི་ ཚོར་བ་འབྱུངམ་མས། ཨིན་རུང་ གཞུང་གི་ངོ་ཚབ་ཨིན་ཟེར་ ཅི་ལྕོགས་གང་ལྕོགས་ བཅའ་སྒྲིག་རྐྱབ་སྟེ་རང་ ཕྱག་ཞུ་བའི་བསྒང་ཡོད། དེ་སྦེ་ ཕྱག་ཞུ་སྡོད་པའི་ཞོར་ཁ་ལུ་ ཟ་དགོ་བས། འཐུང་དགོ་བས། བཀབ་དགོ་བས། ཉལ་དགོཔ་ལས་ ཟད་འགྲོ་ལྕི་ནི་འདི་གིས་ ཁྱོད་ཐིམ་ཕུ་ལུ་ བཞུགས་མི་ཚུ་གིས་ སྦུལ་མེ་ཏོག་གི་ མཁོ་འདོད་བསྐྱེད་འདི་ བཀའ་དྲིན་བསྐྱང་གནང་ ཟེར་ཞུ་ནི་ཨིན། སྦུལ་མེ་ཏོག་རྫམ་དང་གཅིག་ཁར་ དངུལ་ཀྲམ་ ༡༥༠ རང་ཨིན་ཟེར་ཞུ་དོ་ལགས། ཧཧཧ།
Welcome to the corner where ordinary moments accidentally become stories. Here, a misplaced conversation may turn into a poem, a roadside encounter into a comedy, and an everyday mishap into a lesson no one asked for. Expect random observations, borrowed idioms, original musings, playful translations, and the occasional linguistic rabbit hole. Nothing is scheduled. Everything is inspired. If life throws lemons, I'll probably write about the person who slipped on the peel. Wander
Snake Plant sale!
Subscribe to:
Post Comments (Atom)
The Unexpected Branding Lesson Inside a Box of Bhutanese Tea
Before I left for Japan, my dear chief reminded me, “Are you taking some gifts for the instructors?” Honestly, it hadn’t even crossed my mi...
-
Hardly anyone asks us for coffee in Thimphu. But when a few do, we are always in a hurry, Karma Yangki, ne… Today I missed many things simp...
-
Among the many blessings Heaven has bestowed upon my life, none shines more brightly than the gift of noble teachers. Yet above them all sta...

No comments:
Post a Comment