Monday, June 28, 2021

མཻཌམ་ ཅིཕ་མིནིསྚར།

གློག་བརྙན་འདི་ ཏྭ་ར་ཟེར་མི་ ཨམ་སྲུ་གཅིག་ སྲིད་དོན་མཁས་པ་ཅིག་གིས་ དགའ་མཐུན་གྱི་འབྲེལ་བ་བཞག་ཞིན་ན བཀོ་བཞག་བའི་ཤུལ་ལུ་ དགྲ་ལན་རྐྱབ་ནི་སྦེ་ སྲིད་ཚོགས་ནང་ བཅའ་མ་གཏོགས་ཏེ་ ཨུཏྟར་པྲ་ཌིཤ་གི་ བློན་པོ་གཙོ་འཛིན་སྦེ་ འབད་བའི་སྐོར་ལས་ཨིན་མས།
མོ་གིས་ མི་སྡེ་གནས་སྟངས་སྐྱོ་སི་སི་དང་ རིགས་ངན་ཚུ་ ཡར་རྒྱས་དང་ཡར་འཕར་འབད་མི་ སྲིད་དོན་ཚོགས་པའི་ འགན་འཛིན་པ་གི་ རྒྱབ་སྐྱོར་ཐོག་ལུ་ སྲིད་དོན་ཚོགས་པ་ནང་ འཛུལ་ཞུགས་འབད་འཐོབ་བས། དེ་ཁར་ མོ་གིས་ ཆེད་བརྩོན་གྱི་སྒོ་ལས་ ཕྱག་ཞུ་སྟེ་ སྲིད་དོན་ཚོགས་པའི་ དམིགས་དོན་ཚུ་ བསྒྲུབ་ནི་ནང་ ཆ་རོགས་འབདཝ་མས། འདི་ལུ་བརྟེན་ འགྲོས་ཀྱིས་སྦེ་ མོ་ ཨུཏྟར་པྲཌིཤ་གི་ ཨམ་སྲུའི་བློན་པོ་གཙོ་འཛིན་ འགོ་ཐོག་སྦེ་ བཀོ་བཞག་འབདཝ་མས། འདི་དང་གཅིག་ཁར་ མོ་གིས་ མོ་རའི་ཧེ་མའི་དགའ་མཐུན་དང་ གདུག་རྩུབ་ཅན་གྱི་ སྲིད་དོན་མཁས་པ་ཚུ་གིས་ མགུ་འབྱིད་དང་ མཉམ་འབྲེལ་འབད་མ་བཏུབ་མི་ལུ་ དགྲ་ལན་ཡང་འཇལཝ་མས།
ཨིན་རུང་ མོ་ད་རུང་ མོ་རའི་ གྲོས་དཔོན་དང་མཉམ་ མིག་གཞི་མཐུན་ཏེ་ གཉེན་བསྡོམས་པའི་ཤུལ་ལུ་ ཁོ་གིས་ཡང་ སླུ་འབྲིད་འབད་སར་ མཐོང་མས།
བཅུད་བསྡུ་སྟེ་སླབ་པ་ཅིན་ གློག་བརྙན་འདི་ ཏྭ་ར་གི་ སྲིད་དོན་ཚེ་གཡོག་གི་ལམ་ནང་ལུ་ མགུ་འབྱིད་ གཡོ་ཐབས་དང་ ཤ་ཞེན་མེད་པའི་འུར་འཛིང་ གདོང་ལེན་འབད་བའི་ མི་ཚེའི་ལམ་འགྲུལ་གྱི་ སྐོར་ལས་ཨིན་མས། 

No comments:

Post a Comment