ང་མནོ་བསམ་གཏང་བལྟཝ་ད།

ཡ། ང་ འབྲུག་ལུ་ མ་སྐྱེསན་ སྐྱེས་ཚར་ཡི། སྐྱེས་བའི་མཐའ་མར་ ཆོས་ཅིག་བལྟ། གཡོག་ཅིག་འབད། ལྟོ་ཅིག་ཟ། གོ་ལ་ཅིག་གྱོན། ཉལ་ནི་གི་ཁྱིམ་ཅིག་འདིན་ཡོད་ཟེར་ མནོ་སྡོད་སོང་འབདན། ཁོང་གིས་ འདི་དེ་སྦེ་མེན་ཟེར། ཁྱོད་ལྕོགས་གྲུབ་འདིན་འདུག་ཟེར། ད་ལྟོ་འདི་ གཞོནམ་མས་ཟེར། ཨཱས་ཊེ་ལི་ཡ་ལུ་ འགྱོ་བ་ཅིན་དྲག་ཟེར་སླབ་མས།

འདི་ལུ་ དབའེ་ཟེར་ ང་བསམ་གྲུབ་ལྗོང་མཁར་ཁྲོམ་སྦུག་གི་ མ་ཎི་གདུང་འཁོར་རྩ་བ་ལུ་ མནོ་བསམ་མི་གཏང་ བརྒྱ་སྟོང་གཏང་སྡོད་ཅི།མར་འགྱོ། ཏི་རུ་བཟོ། འབྲུག་ལུ་ལོག   building རྐྱབ་ནི་ཨིན་ན? ཚོང་སྦོམ་ཅིག་འབད་ནི་ཨིན་ན? བུམོ་ལུ་ཟད་འགྲོ་གཏང་མི་སྦྱིན་བདག་འབད་ནི་ཨིན་ན? ཟེར་བསམ་ཞིབ་ལེགས་ཤོམ་སྦེ་ འབད་བལྟཝ་ད།

འ། རང་ལུ་ ཨམ་སྲུ་ཨ་ལུ་འདིན་མེད། ཕམ་འདིན་ཁོང་རང་ལང་མས། མི་རྟག་པའི་འཛམ་གླིང་ན་ ཟ་ནི་ཅིག་ཡོདན། གྱོན་ནི་ཅིག་ཡོདན། ཉལ་ནི་ཅིག་ཡོདན་ བཏུབ་པས། འདི་བ་ རང་ད་ལྟོ་འབད་ཚུགསཔ་ད་ རོགས་བཟུམ་སྦེ་རྒྱ་ཆེཝ་སྦེ་ འབད་མ་ཚུགས་རུང་ གཞུང་ལུ་གང་ལྕོགས་ཕྱག་ཞུ་ད་ནི།

ཤུལ་ལས་ཤི་སྟེ་ སྐྱེ་བ་ལེནམ་ད་འབདན་ IELTs དང་ VISA ཟེར་གང་ཡང་བཟོ་མ་དགོ་པར་ མར་ཨཱས་ཊེ་ལི་ཡ་ལུ་ གུ་རུ་རིན་པོ་ཆེ་ མེ་ཏོག་པད་མ་ལས་འཁྲུངས་དོ་བཟུམ་སྦེ་ སྐྱེ་བར་ཤོག་ཅི་ཟེར་ སྨོན་ལམ་བཏབ་སྟེ་ ཤཱར་མ་ཟ་ཁང་ནང་འགྱོ། པུ་རི་ཐ་ལི་གང་རྐྱབ། ཨོ་ཇ་ཕོརཔ་གང་བཏང་བའི་བསྒང་ལསན་ ཕོཝ་འགྲངས་ནི་འདི་གིས་ཨིན་ན་མ་ཤེས་ ཨཱས་ཊེ་ལི་ཡ་ཡང་ བརྗེད་སོང་ནུག

Comments

Popular Posts