Thursday, September 8, 2022

ཁྱོད་ཁྲི་གདུགས་ཕར་འགྱོ་ཚུར་མི་ལོག

ནེ་ར་ཨ་མ་རི
 ཁྱོད་ཁྲི་གདུགས་ཕར་འགྱོ་ཚུར་མི་ལོག

ཚུར་ལོག་རུང་ཉི་མའི་གྱིབ་མ་མས།

ཁྱོད་ཉི་མིའི་གྱིབ་མ་ལོག་ལོག་བ།

རང་དཀར་གསལ་འགྱོ་ས་མི་ཕན་མས།

You, the sun, sets and not return

Even if you return, it is a shadow

The return of your shadow

Does not help me (the moon) on my path.

 

ཁྱོད་ཆུ་རྐྱང་ཆབ་མར་འགྱོ་ཡར་མི་ལོག

ཡར་ལོག་རུང་ཆུ་མོའི་པད་སྐོར་མས།

ཁྱོད་ཆུ་མོའི་པད་སྐོར་ལོག་ལོག་བ།

རང་གསེར་མིག་སྐྱོ་ས་མི་ཕན་མས།

You, the river, flows down and not return

Even if you return, it is a whirl

The return of your whirl

Does not help me (the golden fish) when in grief.

 

ཁྱོད་སྨན་ཆུང་ཕར་འགྱོ་ཚུར་མི་ལོག

ཚུར་ལོག་རུང་སེམས་ཀྱི་བག་ཆགས་མས།

ཁྱོད་སེམས་ཀྱི་བག་ཆགས་ལོག་ལོག་བ།

རང་སྟག་ཤར་སྐྱོ་ས་མི་ཕན་མས།

You, the maiden, goes and not return

Even if you return, it is an imprint

The return of your imprint

Does not help me (the lad) on my way. 

 

No comments:

Post a Comment