དེ་ལུ་རིག་ཅན་ཨ་རྒས་ཀྱིས།། དང་ཕུ་སྒོམ་དར་གཡུས་ཕྱོགས་ནང་།།
གདུང་བསམ་རྒྱ་དྲུང་ཡོད་དོ་བཟུམ།། དེ་ནང་དྲུང་པ་ཡོད་ལུགས་བཤད།།
འདིའི་ཚེ་དྲུང་པ་གཡུས་དེ་ལས།། སྣག་ཚང་འགྱོ་བའི་ལམ་ཁར་ལུ།།
གཡུས་མི་ཕྱད་དེ་གཡུས་མིང་འདྲི།། དེ་ལུ་གཡུས་མིས་སྒོམ་དར་ཞུ།།
དེ་ལས་འགོ་བཟུང་གཡུས་མིང་ལུ།། སྒོམ་དར་ཟེར་འདི་ཡོངས་སུ་གྲགས།།
ཨིན་རུང་གཡུས་ཀྱི་མིང་འདི་ལུ།། དེ་སྦེ་བཏགས་པའི་རྒྱུ་མཚན་མེད།།
ལེགས་ལེགས་སྒོམ་དར་གཡུས་ཚན་ལེགས།། འདུག་འདུག་མི་སེར་དགའ་བ་འདུག།
སྐྱིད་སྐྱིད་ལྷ་ཞིང་འདྲ་བ་སྐྱིད།། དགའ་དགའ་རང་ཡང་འདི་ནང་དགའ།།
No comments:
Post a Comment